[470B]འཚལ་ལོ། །འཇམ་པའི་ མགོན་ལ་ཕྱག་འཚལ་ལོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ ཏེ༑ བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏེ༑ ༑བཅོམ་ལྡན་འདས་བདག་གིས་རིག་པ་མཐོང་བར་བགྱི་སྟེ། རིག་པ་དམ་པ་འདི་སྨྲས་ན་ནི་ངོ་མཚར་དུ་འགྱུར་རོ། །ཐམས་ཅད་དང་ལྡན་པའི་འཁོར་དེས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ། ལེགས་སོ། །ལེགས་སོ། །འཇམ་དཔལ། ཁྱོད་ཀྱིས་རིག་པ་ སྨྲོས་ཤིག་བདག་གིས་བཅོམ་ལྡན་འདས་ཀྱི་གསུང་གིས་སྨྲ་བར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་སངས་རྒྱས་ཐམས་ [471A]༄༅། །ཅད་ཀྱི་སྙིང་པོ་ཆོས་ཐམས་ཅད་ལ་ཕྱག་བཙལ་ཏེ་མཆོད་པ་བྱས་ནས་རིག་པ་སྨྲས་སོ། །ན་མཿ་སརྦ་ཏ་ཐཱ་ག་ཏེ་བྷྱ་ན་མ་མཉྫུ་ཤྲཱི་ཡེ། བོ་དཧི་སཏ་ཡ་ ཨོཾ་མཉྫ་བ་ར། མཉྫུ་གྷོ་ཥ། ཧ་ན་ཧ་ན། པ་ཙ་པ་ཙ་མ་ཏ་མ་ཏ། མ་ཐ་མ་ཐ། བི་དཧྭཾ་སཱ་ཡ། བི་དཧྭཾ་སཱ་ཡ། ཀ་ར་ཀ་ར། ཏྲུ་ཊ་ཏྲུ་ཊ། བྷཉྫ་བྷཉྫ། ཨ་བཧི་ས་ཨ་བཧི་ས་ཏུ་ཊ་ཏུ་ཊ་ ཏྲུ་ཊ་ཏྲུ་ཊ། སྥུ་ཏ་སྥུ་ཏ། ཧྲྀ་ད་ཡཾ་བྷཾ་ནི། ན་མཿ་སཾ་བོ་དྷ་ནི། པྲ་བཧེ་ས། པྲ་བཧེ་ས། ལོ་ཏ་ལོ་ཏ། ཀྲྀ་ཏ་ཀྲྀ་ཏ། ཀྲི་ད་ཀྲི་ད། ཀྲི་ཊ་ཀྲི་ཊ། ཧ་ས་ཧ་ས། པྲ་བན་དྷ། པྲ་བན་དྷ་ཨཱ་བི་ཤ་ཨ་བི་ཤ། ཧཱུཾ་ཧཱུཾ་ཧཱུཾ་ ཕཊ་ཕཊ་ཕཊ་སཱཧཱ། གང་ཞིག་གིས་ནམ་ཕྱེད་ན་ལན་གསུམ་བརྗོད། ཉི་མ་ལ་ཡང་ལན་བདུན་བརྗོད་པ་བྱས་ན། རིག་པ་ཆེན་མོ་ཐོབ་པར་འགྱུར་རོ། །མི་རྣམས་ཀྱིས་ ཤོ་ལོ་ཀ་སུམ་བརྒྱ་འཛིན་པར་འགྱུར་རོ། །འདིའི་ཆོ་ག་ནི་ཙནྡན་གྱི་དཀྱིལ་འཁོར་བྱས་ཏེ་ཞུན་མར་གྱི་མར་མེས་ཀྱང་མཆོད་ནས་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་ འགྱུར། མ་གྲུབ་ཀྱང་ཤོ་ལོ་ཀ་བརྒྱ་ཉི་མ་རེ་རེ་ལ་འཛིན་པར་འགྱུར་རོ། །བཅོམ་ལྡན་འདས། བདག་གིས་བསྟན་པ་འདིས་མ་གྲུབ་ན་གང་ཞིག་མཚམས་མེད་པ་ལྔ་ བྱས་ན་བདག་ཀྱང་དེ་དང་འདྲ་བར་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ། །འཕགས་པ་འཇམ་དཔལ་གྱིས་དམོད་བཙུགས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།